本页仅为文字内容,不可回答。

བྱིས་སློབ་ཁང་གི་ཕ་སྐད་སློབ་གསོའི་བརྟག་དཔྱད་དྲི་བ་འགའ།

རྒན་ལགས་སྐུ་ཁམས་བཟང་། ང་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལོ་རིམ་བཞི་བའི་སློབ་མ་ཞིག་ཡིན། རེབ་འདིར་རང་གི་མོས་འདུན་ལྟར་བྱིས་སློབ་ཁང་གི་ཕ་སྐད་སློབ་གསོའི་ད་ལྟའི་གནས་བབ་ཕྱོགས་ནས་བརྟག་དཔྱད་ཅིག་བྱེད་འདོད་བྱུང་བས། ཁྱེད་ཚོ་སུས་ཀྱང་དོ་སྣང་ཡོད་པ་ཞུ། དུས་མཚུངས་སུ་ཐེངས་འདིའི་དྲིས་ལན་དག་བརྒྱ་ཆ་བརྒྱ་གསང་བ་ཡིན་པས། ཁྱེད་ཀྱིས་ངོ་ཚ་དང་འཇིགས་སྐྲག་གང་ལའང་སེམས་ཁུར་བྱེད་མི་དགོས། གཤམ་དུ་དྲི་བ་དག་ལ་ལན་དྲང་མོར་འདེབས་རྒྱུར་སྙིང་ནས་རེ་བ་ཞུ། དྲིས་ལན་བྲིས་རྗེས་བཀའ་དྲིན་མཚོན་བྱེད་ཀྱི་ཁུག་དམར་ཞིག་ཀྱང་བླངས་ཆོག
ང་ནི་
གསར་བུ་ཞིག་ཡིན།
གསར་མོ་ཞིག་ཡིན།
ང་རང་ད་ལྟ་ལོ
    ____________
བྱིས་སློབ་ཁང་གི་དགེ་རྒན་བྱས་ནས་ལོ་དུ་འགོར་སོང་།
    ____________
ཁྱེད་ཀྱི་བསླབ་གནས་ནི(རྒྱ་ཡིག་གིས་བྲིས་ཀྱང་ཆོག)(学历)
    ____________
ཁྱེད་ཀྱི་ཆེད་ལས་ནི(专业)
བྱིས་སློབ་ཡིན།
རྩོམ་རིག་ཡིན།
ཕྱུགས་ལས་ཡིན།
རྩིས་འཁོར་ཡིན།
གཞན་པ་ཡིན།
ཁྱེད་ལ་དགེ་རྒན་ལག་རྟགས་ཡོད་དམ།
བྱིས་སློབ་དགེ་རྒན་ལག་རྟགས།
སློབ་ཆུང་དགེ་རྒན་ལག་རྟགས།
སློབ་འབྲིང་དགེ་རྒན་ལག་རྟགས།
དགེ་རྒན་ལག་རྟགས་མེད།
ཡང་བསྐྱར་ཁྱོད་ལ་ལས་ཀ་འདེམ་པའི་གོ་སྐབས་ཡོད་ཚེ། ཁྱེད་རང་སྔར་བཞིན་བྱིས་པའི་དགེ་རྒན་བྱེད་རྒྱུ་ཡིན་ནམ།
བྱིས་པའི་དགེ་རྒན་བྱེད་པར་འགྱོད་པ་ཅི་ཡང་མེད།
མ་བྱས་ཐབས་མེད།
གཞུང་ཞབས་པར་གྲ་སྒྲིག་བྱེད་རྒྱུ་ཡིན།
ལས་ཀ་གཞན་ཞིག་བཙལ་འདོད་ཡོད།
ཁྱེད་རང་བྱིས་པའི་དགེ་རྒན་བྱེད་པའི་རྒྱུ་མཚན།
རང་གི་ཕུགས་བསམ།
གནས་སྐབས་ཀྱི་ལས་ཀ
གཞན་གྱི་གུས་བརྩི་ཐོབ་པའི་ཆེད་དུ།
ཁྱིམ་མིའི་བཀོད་སྒྲིག
རང་གར་བྱས་པ་ཡིན།
སློབ་ཁྲིད་ཀྱི་བྱེད་སྒོའི་ཁྲོད་ནས་ཁྱོད་ཀྱིས་ཕ་སྐད་སློབ་གསོར་དོ་སྣང་བྱས་པ་ཡིན་ནམ།
ཅུང་ཙམ་བྱས་པ་ཡིན།
དེ་འདྲ་བྱས་པ་མིན།
དོ་སྣང་བྱས་མ་མྱོང་།
བྱེད་དགོས་དོན་མི་འདུག
ཁྱེད་ཀྱིས་གཤམ་གྱི་རིག་པ་གང་ལ་སློབ་སྦྱོང་བྱེད་མྱོང་།
སློབ་སྔོན་སེམས་ཁམས་རིག་པ།
སློབ་སྔོན་སློབ་གསོ་རིག་པ།
སློབ་སྔོན་གཙང་སྦྲ་རིག་པ།
བྱིས་པའི་རྩོམ་རིག
ཚང་མར་སློབ་སྦྱོང་བྱེད་མྱོང་།
གཅིག་ལའང་སློབ་སྦྱོང་བྱས་མྱོང་མེད།
ཁྱེད་ཀྱིས་བྱིས་པའི་ཕ་སྐད་སློབ་གསོ་ལ་སེམས་ཁུར་བྱེད་ཀྱིན་ཡོད་དམ།
སྐབས་ལན་རེར།
དུས་རྒྱུན་པར།
ངས་བསམ་ན་ཕ་སྐད་སློབ་ཁྲིད་ཉུང་དྲག་འདུག
ཕ་སྐད་སློབ་གསོ་ཇེ་སྡུག་ཏུ་འགྲོ་བཞིན་འདུག
ཁྱེད་ཀྱིས་བལྟས་ན་ཕ་སྐད་སློབ་གསོ་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་མཚན་གང་རེད།
ཁྱིམ་བདག་ལ་འབྲེལ་འདུག
དགེ་རྒན་ལ་འབྲེལ་འདུག
སློབ་གསོ་སྡེ་ཁག་ལ་འབྲེལ་འདུག
ཁོར་ཡུག་ལ་འབྲེལ་འདུག
ཚང་མར་འབྲེལ་འདུག
ད་ལྟ་བྱིས་སློབ་ཁང་དུ་རྒྱ་ཡིག་དང་བོད་ཡིག་ལས་གང་ཞིག་གཙོ་བོར་འཛིན་དགོས་ཀྱི་ཡོད།
བོད་ཡིག
རྒྱ་ཡིག
གཉིས་ཀ
རྒྱ་བོད་དབྱིན་གསུམ།
མི་ཤེས།
ཕ་སྐད་སློབ་གསོ་ནི་མི་རིགས་རིག་གནས་རྒྱུད་འཛིན་ལ་ཐད་ཀར་འབྲེལ་བ་ཡོད་པ་ཁྱེད་ཀྱིས་ཤེས་སམ།
མི་ཤེས།
ཤེས་ཡོད་མོད། བཀོད་པ་མི་འདུག
ཤེས་ཡོད།
བོད་ཡིག་ལ་བཀོད་སྤྱོད་རིན་ཐང་མི་འདུག
འབྲེལ་བ་དམ་པོ་འདུག
ཕ་སྐད་སློབ་གསོར་ཤུགས་རྒྱག་ན་འགན་ཁུར་གཙོ་བོ་སུ་ལ་ཡོད་དམ།
དགེ་རྒན་དང་ཁྱིམ་བདག
སློབ་གསོ་སྡེ་ཁག་དང་སྲིད་ཇུས།
བྱིས་པ་རང་ལ་འགན་འཁྲི་ཡོད།
སུ་ལའང་འགན་འཁྲི་མེད།
ཁྱོད་ཀྱིས་ཕ་སྐད་སློབ་གསོ་འཕེལ་རྒྱས་ཕྱོགས་ནས་འདང་རྒྱག་མྱོང་ངམ།
མྱོང་།
མ་མྱོང་།
གལ་ཆེན་མ་རེད།
གནས་གང་གི་ཕ་སྐད་སློབ་གསོར་ཤུགས་རྒྱག་དགོས་ཡོད།
ཁྱིམ་ཚང་།
བྱིས་སློབ་ཁང་།
མི་ཤེས།
ཕ་སྐད་སློབ་གསོར་དོ་སྣང་བྱེད་པ་ནི།
རིག་གནས་རྒྱུད་འཛིན་རེད།
ཆབ་སྲིད་གཏོར་བརླག་རེད།
ལམ་ལུགས་འཐུས་ཚང་རེད།
ཁོམ་དྲག་པའི་ལས་ཀ་རེད།
ཁྱེད་རང་གསབ་སྦྱོང(培训)ལ་ཞུགས་མྱོང་ངམ།
ཐེངས་གཅིག
ཞུགས་མ་མྱོང་།