ཁྱེད་རང་བོད་སྨན་སྨན་པ་བྱས་ནས་ལོ་ག་ཚོད་སོང་ངམ། སྨན་པའི་གོ་མིང་གང་ཡིན་ནམ།
ཁྱེད་རང་གིས་སྦྱོང་བཅོས་ལག་ལེན་བྱེད་བཞིན་ཡོད་དམ། ཡང་ན་དེ་སྔོན་བྱེད་མྱོང་ཡོད།་ གཙོ་བོ་ལག་ལེན་གང་བྱེད་བཞིན་ཡོད།
ཁྱེད་རང་གིས་མངལ་བཤལ་ལག་ལེན་ལ་རྒྱུས་མངའ་ཡོད་དམ།
ཁྱེད་རང་གིས་མངལ་བཤལ་ཞེས་པ་དེ་ངོས་འཛིན་གང་འདྲ་གནང་གི་ཡོད་དམ།
ཁྱེད་རང་གིས་མངལ་བཤལ་ལག་ལེན་བྱེད་མྱོང་ཡོད་དམ། ཡང་ན་མི་གཞན་གྱིས་བྱས་པ་མཐོང་མྱོང་ངམ། མངལ་བཤལ་སྨན་སྦྱོར་གང་ཡིན་ནམ
ཁྱེད་རང་གིས་དགོངས་ན་མངལ་བཤལ་ལག་ལེན་ནད་ཐོག་ཏུ་མཐོང་དཀོན་པའི་རྒྱུ་མཚན་གང་ལ་ཐུག་པར་སྙམ།
ཁྱེད་རང་གིས་དགོངས་ན་མངལ་བཤལ་ལག་ལེན་སྐབས་སྨན་སྦྱོར་དེ་བུ་སྣོད་ནང་དུ་བླུགས་དགོས་སམ་ཡང་ན་སྐྱེ་ལམ་ནང་བཞག་ན་ཆོག
དེའི་སྐོར་ལ་རྩ་ཆེའི་དགོངས་འཆར་ཡོད་པ་ཞུ།
ཁྱེད་རང་ཕྱག་ལས་གྲོང་ཁྱེར་རམ་ས་ཁུལ་གང་དུ་ཡིན་ནམ།