གཙོད་ཀྱི་འབྲེལ་ཡོད་ཤེས་བྱ།

མིའི་རིགས་ཀྱི་ལྷད་མེད་ཀྱི་བརྩེ་སེམས་དེ་བྱང་ཐང་སྐྱ་མོའི་སྟོང་ལ་ཉེ་བའི་རི་དྭགས་གཙོད་ལ་འབུལ་བ་ནི་དུས་རབས་ཀྱིས་སྤྲད་པའི་འོས་འགན་ཞིག་ཡིན།

Q1:གཙོད་ནི།

རྨིག་ཁ་དབྲག་གི་སྡེ་ཡིན།
རྨིག་ཟླུམ་གྱི་སྡེ་ཡིན།
སྡེར་མོ་ཅན་ཡིན།

Q2:གཙོད་ཀྱི་ཕོ་ལ།

ཡུ་མོ་ཟེར།
གུག་པོ་ཟེར།
ཤ་བཟན་ཟེར།

Q3:གཙོད་ཀྱི་གནས་ཡུལ་མ་ཡིན་པ་ནི།

བོད་ལྗོངས་ཀྱི་བྱང་ཐང་།
མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ།
སི་ཁྲོན་གྱི་འབའ་ཐང་།
ཤིན་ཅང་གི་རི་བོ་ཨ་ཆེན།

Q4:གཙོད་ཀྱི་རིགས་རྒྱུད་སྤེལ་དུས་ནི།

བོད་ཟླ་བཅུ་བའི་ནང་།
བོད་ཟླ་བཅུ་གཅིག་པའི་ནང་།
བོད་ཟླ་བཅུ་གཉིས་པའི་ནང་།

Q5:དཔྱིད་དུས་གཙོད་ཁྱུ་བྱང་དུ་སྐྱོད་པའི་རྒྱུ་མཚན་མ་ཡིན་པ་ནི།

དགུན་སའི་རྩྭ་ཁ་སྐྱ་ཟད་སྔོ་རྡུགས་ཡིན་པས་ས་ཆ་གཞན་ནས་འཚོ་བཅུད་ལེན་དགོས་པ།
བྱང་མཐའ་མི་མེད་ཀྱི་ཡུལ་དུ་གཙོད་མང་པོ་གནས་པས་བདེ་འཇགས་ཡིན་པ།
དགུན་སར་རང་བྱུང་གི་དགྲ་བོའི་གནོད་འཚེ་ཆེ་བས་དེ་ལ་གཡོལ་ཕྱིར་བྱང་ཁུལ་དུ་གནས་སྤོ་བ།

Q6:གཙོད་ཀྱི་གྲངས་འབོར་ཐད་བཤད་པ་ནོར་བ་ནི།

སྐུ་ཞབས་ཇོར་ཇེ་ཤ་ལས་ཚོད་རྩིས་བྱས་པ་ལྟར་ན། ཁྱོན་སྡོམ་གཙོད་དྲུག་ཁྲི་ལྔ་སྟོང་ནས་བདུན་ཁྲི་ཉིས་སྟོང་ལྔ་བརྒྱ་ཙམ་ཡོད་པ།
ས་གནས་ཀྱི་འབྲོག་པ་ཁ་ཤས་ཀྱིས་ཁྲི་༡༠ནས་༡༥ཡོད་པའི་ངོས་འཛིན་བྱེད།
ད་བར་ཁྱོན་ཡོངས་ནས་ཚན་རིག་གི་བརྟག་དཔྱད་བྱས་ཏེ་གྲངས་ཀ་བླངས་པ་ལྟར་ན་ཁྲི་༢༠ཡོད་པ།
རྒྱལ་ཁབ་ཀྱི་འབྲེལ་ཡོད་ཀྱི་ལས་ཚན་གྱིས་སྡོམ་རྩིས་བྱས་པར་གཞིགས་ན། ༢༠༠༦ལོར་གཙོད་གྲངས་ཁྲི་བཅོ་ལྔ་ཡོད་པ།

Q7:འཛམ་གླིང་ཐོག་ཏུ་གཙོད་ལ་རིན་ཐང་དང་སྐད་གྲགས་ཆེ་བའི་རྒྱུ་མཚན་གཙོ་བོ་ནི།

གཙོད་ཀྱི་ཁུ་ལུ་དང་རྭ་ཅོ་སོགས་ལུས་སྟེང་གི་ཆ་ཤས་མང་པོར་འཚོ་བའི་སྤྱོད་སྒོ་དང་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་པ།
གཙོད་ནི་ཅི་ཙམ་བརྒྱུགས་པ་དེ་ཙམ་གྱིས་ཇེ་མགྱོགས་སུ་འགྲོ་བ་འི་ཐུན་མོང་མ་ཡིན་པའི་བང་རྩལ་ལྡན་པ།
གཙོད་ནི་མདོ་དབུས་ས་མཐོ་ཁོ་ནར་འཚོ་སྡོད་བྱེད་པ་ལས་ཡུལ་གྲུ་གཞན་ན་མེད་པས་ཡིན།

Q8:ཁུ་ལུའི་རྒྱལ་པོ་ཞེས་པ་ནི།

ནོར་གྱི་ཁུ་ལུ་ཡིན།
གཙོད་ཀྱི་ཁུ་ལུ་ཡིན།
ཁྱིའི་ཁུ་ལུ་ཡིན།

Q9:ཁམ་པ་ནི།

[图片]选项1
[图片]
[图片]

Q10:གཙོད་ལ་ཆག་སྒོ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི།

གཙོད་ཀྱི་ལུས་སྟེང་གི་ཁུ་ལུ་རིན་ཐང་ཆེ་བ།
གཙོད་ཀྱི་ཤ་ཞིམ་པ།
སྐེ་དཀྲིས་སྤྱོད་མཁན་མང་པོ་བྱུང་བ།

Q11:རང་སྲོག་བློས་བཏང་ནས་གཙོད་སྲུང་སྐྱོབ་གནང་མཁན་གྱི་དཔའ་བོ་ཐོག་མ་མ་ཡིན་པ་ནི།

མཚོ་སྔོན་ཞིང་ཆེན་འབྲི་སྟོད་རྫོང་གི་རྫོང་ཨུ་ཧྲུའུ་ཅི་གཞོན་པ་རྒྱས་བཟང་བསོད་ནམས་དར་རྒྱས།
མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་དཀར་བརྗིད་ཞང་སྔོ་རྒྱ་སྡེ་བའི་སྡེ་མི་བསོད་ནམས་དོན་གྲུབ།
བོད་རང་སྐྱོང་ལྗོངས་ཉི་མ་རྫོང་གི་ནགས་ལས་ཉེན་རྟོག་པ་ནོར་བུ་གཡུ་རྒྱལ།

Q12:གཙོད་ཅེས་པའི་སློབ་ཚན་དང་འབྲེལ་བའི་བཤད་ཚུལ་ནོར་བ་ནི།

གཙོད་ཅེས་པའི་སློབ་ཚན་འདི་ནི་གསལ་བཤད་རྩོམ་ཡིག་ཅིག་ཡིན།
གཙོད་ཀྱི་གནས་ཡུལ་དང་འཚོ་སྟངས་ཀྱི་ཁྱད་ཆོས་ངོ་སྤྲོད་བྱས་ཡོད།
གཙོད་གསོད་མཁན་གྱི་རྔོན་ཇག་མང་པོ་ཞིག་འཛིན་བཟུང་བྱས་པ་བརྗོད་ཡོད།
ད་ཡོད་གཙོད་ཀྱི་ཁ་གྲངས་དང་གཙོད་ཀྱི་རིན་ཐང་ངོ་སྤྲོད་བྱས་ཡོད།
འགྲོ་བ་མིས་གཙོད་གསོད་པའི་སྡིག་ཉེས་སོགས་མདོར་བསྡུས་ཀྱིས་ངོ་སྤྲོད་བྱས་ཡོད།
གཙོད་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།
问卷网
གཙོད་ཀྱི་འབྲེལ་ཡོད་ཤེས་བྱ།
关于
1年前
更新
0
频次
12
题目数
分享
问卷网
有问题?问问AI帮你修改 改主题:如咖啡问卷改为奶茶问卷